关于区外来拉人员填报“西藏健康码”的通告(藏汉双语)

2020-07-30 00:00:00 来源:阿里地区革吉县人民政府 作者:消息 责任编辑:康康 字号:T|T

关于区外来拉人员填报“西藏健康码”的通告(藏汉双语)

ལྗོངས་ཕྱི་ནས་ལྷ་སར་ཡོང་མཁན་གྱིས་བོད་ལྗོངས་ཀྱི་བདེ་ཐང་རྟགས་རིས་ཞེས་པ་བྲིས་དཔོད་བྱེད་དགོས་པའི་སྐོར་གྱི་བརྡ་ཁྱབ།


བོད་དུ་ཡོང་མཁན(ལོག་མཁན)གྱི་བདེ་ཐང་གནས་ཚུལ་དུས་ཐོག་ཏུ་ནོར་འཁྲུལ་མེད་པའི་སྒོ་ནས་ཁོང་དུ་ཆུད་ཐུབ་ཆེད།    སྔོན་འགོག་ཚོད་འཛིན་གནད་ལ་འཕིགས་པ་དང་མང་ཚོགས་ལ་སྟབས་བདེ་སྐྲུན་པའི་རྩ་དོན་གཞིར་བཟུང་།  མི་རྣམས་གོ་རིམ་ལྡན་པའི་ངང་ནས་འགྲུལ་བཞུད་བྱེད་པར་སྐུལ་འདེད་ཀྱིས་སྤྱི་ཟླ་༧ཚེས་༢༨ཉིན་ནས་བཟུང་།    བོད་དུ་ཡོང་མཁན(ལོག་མཁན)ཡོད་དོ་ཅོག་གིས་གཅིག་གྱུར་ཐོག་བོད་ལྗོངས་ཀྱི་བདེ་ཐང་རྟགས་རིས་ཞེས་པ་བྲིས་དཔོད་བྱས་ནས་འགྲོ་སྐྱོད་བྱེད་དགོས་པ་ལས་ལྷ་སའི་བདེ་ཐང་རྟགས་རིས་ཞེས་པ་བྲིས་དཔོད་བྱེད་མི་དགོས།   ད་ལྟ་ཆ་འཕྲིན་བྲིས་དཔོད་ཐོ་འགོད་ལས་ཀ་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།


གཅིག  གྲོང་ཁྱེར་ཡོངས་ཀྱི་གནམ་གྲུ་འབབ་ཐང་དང་མེ་འཁོར་འབབ་ཚུགས།   གྲོང་སྲུང་གཙང་པོའི་ཞིབ་བཤེར་ས་ཚིགས་བཅས་ཀྱིས་མཐོང་ཆེན་བྱས་ཏེ།   བོད་ལྗོངས་ཀྱི་བདེ་ཐང་རྟགས་རིས་བཤར་འབེབས་ལས་ཀ་དོན་འཁྱོལ་ནན་པོ་བྱས་ནས་ཚང་མས་བོད་ལྗོངས་ཀྱི་བདེ་ཐང་རྟགས་རིས་དེ་མངོན་གསལ་དོད་སར་སྦྱོར་དགོས་པ་དང་།   རྟགས་རིས་བཤར་འབེབས་བྱེད་པར་བོད་དུ་ཡོང་མཁན(ལོག་མཁན)ཚང་མས་གཞོགས་འདེགས་བྱེད་དགོས་པའམ་རང་སོ་སོའི་བོད་ལྗོངས་ཀྱི་བདེ་ཐང་རྟགས་རིས་སྟོན་དགོས།  


གཉིས།  བོད་དུ་ཡོང་མིས་རྟགས་རིས་བཤར་འབེབས་ཡང་ན་རང་སོ་སོའི་བོད་ལྗོངས་ཀྱི་བདེ་ཐང་རྟགས་རིས་སྟོན་དགོས་པའི་ཐད་གནམ་གྲུ་འབབ་ཐང་དང་མེ་འཁོར་འབབ་ཚུགས།   གྲོང་སྲུང་གཙང་པོའི་ཞིབ་བཤེར་ས་ཚིགས་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣས་ཁྲིད་སྟོན་དང་ལྟ་སྐུལ་བྱས་ཏེ།   རྒྱ་ཆེའི་མང་ཚོགས་ཚོས་རྟགས་རིས་ཧ་གོ་བ་དང་བེད་སྤྱོད་བྱེད་ཤེས་པ།   བེད་སྤྱོད་བྱེད་ཐུབ་པ་བཅས་བྱེད་དགོས(རྒན་འཁོགས་དང་བྱིས་པ་སོགས་རང་གིས་རེ་ཞུ་བྱེད་མ་ཐུབ་མཁན་མི་གཞན་གྱིས་ཚབ་བྱས་ནས་འབྲི་ཆོག)


གསུམ།  བོད་དུ་ཡོང་མཁན(ལོག་མཁན)ཚང་མས་རང་འགུལ་ཐོག་རྟགས་རིས་བཤར་འབེབས་ཧུར་ཐག་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཇི་མ་ཇི་བཞིན་འབྲི་དགོས།     མི་སྒེར་གྱི་ཆ་འཕྲིན་སྦས་སྐུང་དང་རྫུན་ཞུ་བྱས་པའི་དབང་གིས་ནད་ཡམས་སྔོན་འགོག་ཚོད་འཛིན་ལས་དོན་གཞན་དབང་དུ་སོང་བའི་གནས་ཚུལ་ཐོན་ན།   ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་སོགས་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་གཞིར་བཟུང་སྲིད་འཛིན་ཆད་པ་གཅོད་རྒྱུ།   གནས་ཚུལ་ཚབས་ཆེ་བའི་རྐྱེན་གྱིས་ནག་ཉེས་བསགས་ཡོད་ན།   ཉེན་ཁའི་ཐབས་ལ་བརྟེན་ནས་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་བཏང་བའི་ནག་ཉེས་དང་འགོ་ནད་འགོག་བཅོས་བྱེད་པར་གནོད་རྐྱེན་བཟོས་པའི་ནག་ཉེས་སོགས་ཀྱི་ཐོག་ནས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ།


བཞི།   སྤྱི་བསྒྲགས་འདི་སྤྱི་ལོ་༢༠༢༠ལོའི་ཟླ་༧ཚེས་༢༨ཉིན་ནས་ལག་བསྟར་བྱ་རྒྱུ། 


ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས།

སྤྱི་ལོ་༢༠༢༠ལོའི་ཟླ་༧ཚེས་༢༧ཉིན།



 

相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部