新闻资讯通知公告【藏汉双语】碌曲县公安局关于在疫情防控期间 对全县道路交通进行管制的通告

2020-01-29 08:00:00 来源:碌曲县人民政府 作者:作者碌曲县公安局 责任编辑:康康 字号:T|T

ཀླུ་ཆུ་རྫོང་སྤྱི་བདེ་ཅུས་ཀྱིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་སྐབས་སུ་

རྫོང་ཡོངས་ཀྱི་འགྲིམ་འགྲུལ་བཀག་སྡོམབྱེད་པའི་བརྡ་ཁྱབ་།

 

ཀྲུང་དབྱང་དང་ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་རིམས་ནད་ལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་ཅིང་། ཁྱོན་ཡོངས་ནས་གསར་བྱུང་གློ་ཚའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལེགས་པར་སྒྲུབ་བཞིན། ནད་དུག་མཆེད་པའི་ལམ་བུ་ནུས་ལྡན་ངང་འགོག་པ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་ཐང་དང་བདེ་འཇགས་ལ་འགན་ལེན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་སྒྲོལ་དམག་འཐབ་མཐའ་གཅིག་ཏུ་རྒྱག་པ་བཅས་ཀྱི་ཆེད་དུ། ཞིང་ཆེན་ཡོངས་སུ་ལག་བསྟར་བྱས་པའི་སྤྱི་པའི་འཕྲོད་བསྟེན་གྱི་རིམ་པ་དང་པོའི་དོན་རྐྱེན་ལ་བརྡ་ལན་སྤྲོད་པའི་བླང་བྱ་དང་ཀན་ལྷོའི་གསར་བྱུང་གློ་ཚའི་རིམས་ནད་མཉམ་འགོག་མཉམ་སྡོམ་ལས་དོན་འགོ་ཁྲིད་ཚན་ཆུང་གིབརྡ་ཁྱབཀྱི་དགོངས་དོན་གཞིར་བཟུང་སྟེ། ད་ཆ་རྫོང་ཡོངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་འགྲིམ་འགྲུལ་བཀག་སྡོམ་ལས་དོན་གྱི་བརྡ་ཁྱབ་བཏང་བ་གཤམ་གསལ་ལྟར།

གཅིག 2020ལོའི་ཟླ1པའི་ཚེས27ཉིན་གྱི་ཆུ་ཚོད12ནས་བཟུང་སྟེ། རྫོང་ནང་ཁུལ་གྱི་གླ་བྱེད་རླངས་འཁོར་དང་སྤྱི་སྤྱོད་རླངས་འཁོར་ཚང་མས་གནས་སྐབས་སུ་ལས་གཉེར་བྱེད་མཚམས་འཇོག་དགོས།

གཉིས། 2020ལོའི་ཟླ1པའི་ཚེས27ཉིན་གྱི་ཆུ་ཚོད12ནས་བཟུང་སྟེ། རྫོང་མཁར་གྱི་གཞུང་ལམ་སྟེང་སྒེར་གྱི་རླངས་འཁོར་བསྐོར་ནས་ཕྱི་རུ་འགྲོ་མི་ཆོག་པ་དང་། རོང་འབྲོག་སྡེའི་འགྲུལ་བཞུད་འཕྲུལ་འཁོར་རིགས་སྣ་ཚོགས་སྡེ་བའི་ཕྱི་རུ་འབུད་མི་ཆོག་པར་མ་ཟད།  མཐའ་འཁོར་གྱི་རིམས་ནད་བྱུང་བའི་ས་ཁུལ་གྱི་མི་སྣ་དང་རླངས་འཁོར་བར་འགྲོ་འོང་བྱེད་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་ཕན་ཚུན་རིམས་ནད་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས།

གསུམ། 2020ལོའི་ཟླ1པའི་ཚེས27ཉིན་གྱི་ཆུ་ཚོད12ནས་བཟུང་སྟེ། རང་ས་གནས་ཀྱི་རླངས་འཁོར་ཁྲོད་ནས་མྱུར་སྐྱོབ་རླངས་འཁོར་དང་མེ་གསོད་རླངས་འཁོར། སྣུམ་ཟོམ་རླངས་འཁོར། ཟོང་སྐྱེལ་རླངས་འཁོར། རོགས་སྐྱོབ་རླངས་འཁོར། ལས་གྲྭའི་རླངས་འཁོར། དམག་མི་དང་ཉེན་རྟོག་པའི་རླངས་འཁོར། དཔང་རྟགས་ཡོད་པའི་བྱ་བྱེད་རླངས་འཁོར་ཕུད་རླངས་འཁོར་གཞན་པ་རྣམས་རང་རྫོང་གི་ས་མཚམས་ནས་ཁ་འབྲལ་མི་ཆོག་པ་དང་། ས་ཆ་གཞན་པའི་རླངས་འཁོར་ཡང་རང་རྫོང་དུ་ཡོང་མི་ཆོག་པར་གཅིག་མཚུངས་ཀྱི་གཏན་འབེབས་ལག་བསྟར་བྱ་དགོས།

བཞི། རང་རྫོང་གི་རྒྱལ་ཁབ་རིམ་པའི་གཞུང་ལམ་སྟེ་ལམ་ཐིགG213ནས་རྫོང་མཁར་བར་གྱི་སྦྲེལ་མཐུད་ལམ་ཐིག་དང་། རྒྱལ་ཁབ་རིམ་པའི་གཞུང་ལམ་སྟེ་ལམ་ཐིགG345(ལྷ་མོ་ནས་རྨ་ཆུའི་བར་གྱི་གཞུང་ལམ)། རྫོང་རིམ་པའི་གཞུང་ལམ་སྟེ་ལམ་ཐིག402ལམ་རྒྱུད་ཀྱི་ཨ་ལ་ཤང་ནས་སྒྱིས་ཚང་བར་གྱི་ལམ་དུམ་དང་། ཨ་ལ་ཤང་ནས་ཀླུ་ཞོལ་བར་གྱི་ལམ་དུམ་བཅས་ལ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་ཅིང་། ལྷ་མོའི་རྒྱ་སའི་ཟམ་ཁ་ནས་ལྷ་མོ་གྲོང་རྡལ་བར་དུ་ལམ་ཕྱོགས་གཅིག་ཁོ་ནར་རླངས་འཁོར་ཤར་གཏོང་བྱེད་པ། དེ་བཞིན་དུ་རྒྱལ་ཁབ་རིམ་པའི་གཞུང་ལམ་སྟེ་ལམ་ཐིག213ནས་དཔོན་སྐོར་ལུང་མདོ་དང་། དཔོན་སྐོར་སྡེ་བ་ནས་དང་གསེར་ལུང་ཤང་གི་འབྲེལ་མཚམས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཆེད་ཕྱིར་རང་ཡུལ་ལོག་པར་ཁ་ཏ་བསླབ་བྱ་གཏོང་ཡུལ2བཙུགས་ཡོད་ལ། ལྷ་མོ་གྲོང་རྡལ་རྒྱ་སའི་ཟམ་ཁ་དང་ཀླུ་ཆུ་རྫོང་གློག་སྒྱུར་ས་ཚིགས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཞིབ་བཤེར་བྱེད་པའི་ས་ཚིགས2བཅས་བཙུགས་ཡོད་པས། གྲོང་ཁྱེར་ནས་འགྲོ་འོང་བྱེད་མཁན་ཁ་ལོ་བས་རང་འགུལ་ངང་རླངས་འཁོར་བསྐོར་མཚམས་བཞག་སྟེ།  རླངས་འཁོར་ནང་སྡོད་མཁན་གྱི་མིས་གོ་རིམ་ལྡན་པའི་སྒོ་ནས་ལས་སྣའི་བཀོད་འདོམས་ལྟར་ལུས་དྲོད་ལ་ཞིབ་དཔྱད་ཚད་ལེན་བྱེད་པར་གཞོགས་འདེགས་བྱ་དགོས།

ལྔ། རླངས་འཁོར་བཀག་སྡོམ་གྱི་གཏན་འབེབས་དང་ལེན་མི་བྱེད་མཁན་ལ་སྤྱི་བདེ་ལས་ཁུངས་ཀྱིསཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསདངཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམསཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ།  ཡུལ་དངོས་ནས་ཞིབ་བཤེར་ཐག་གཅོད་དང་ལག་རྩལ་རང་བཞིན་གྱི་ལྟ་རྟོག་བྱ་ཐབས་བཀོལ་ནས་ཚོད་འཛིན་བྱེད་པའམ་པར་ལེན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆད་པ་གཅོད་རྒྱུ་ཡིན་པར་མ་ཟད། བཀག་སྡོམ་དང་ལེན་མི་བྱེད་པར་བྱས་ཉེས་བཟོས་ཏེ་ཁྲིམས་དང་འགལ་ཚེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱེད་རྒྱུ་ཡིན། དེ་མིན་བཀག་སྡོམ་བྱེད་མཚམས་འཇོག་ཚད་ཀྱི་བརྡ་ཐོ་རྗེས་ནས་བཏང་ཡོང་བས་རྒྱ་ཆེའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རོགས་ཞུ། 


ཀླུ་ཆུ་རྫོང་སྤྱི་བདེ་ཅུས། 

2020ལོའི་ཟླ1པའི་ཚེས27ཉིན། 

 

碌曲县公安局关于在疫情防控期间

对全县道路交通进行管制的通告

  

  为认真贯彻落实中央和省、州、县疫情防控工作部署,全力做好新型冠状病毒的肺炎疫情防控工作,有效切断病毒传播途径,确保人民群众生命健康安全,坚决打好疫情防控攻坚战。根据全省启动突发公共卫生事件一级响应要求和甘南州新型冠状病毒感染的肺炎疫情联防联控工作领导小组《通告》精神,现将全县疫情防控期间道路交通管制事项通告如下:
  一、自2020年1月27日12时起,县内所有出租车、客运班车一律暂停运营。
  二、自2020年1月27日12时起,县城道路内不准驾驶私家车辆出行,农牧村各类机动车辆不准出村,坚决杜绝与周边疫情发生区人员、车辆往来,降低交叉感染风险。
  三、自2020年1月27日12时起,本地车辆中除救护车、消防车、油罐车、载货汽车、救援车辆、工程车辆、军警车辆以及配有通行证的工作车辆、生活物资保障车辆外,不允许驶离我县地界,外地车辆驶入我县地界也实行同等规定。
  四、我县G213线至县城连接线、G345线(郎玛公路)、县道402线阿拉乡至吉仓村路段、阿拉乡至勒秀路段实行交通管制,郎木寺三岔路口至郎木寺镇实行单向通车。在国道213线红科沟口、红科村与赛尔龙乡交界处设置有2处疫情防控劝返点,郎木寺镇三岔路口、县城变电站设置有2处疫情防控检査站点,请进出城驾驶人主动停车,有序配合工作人员开展驾乘车人员体温检测、筛査工作。
  五、对不服从管制规定的,公安机关将依据《中华人民共和国治安管理处罚法》、《中华人民共和国道路交通安全法》的相关规定,通过现场查处和技术监控抓拍等措施进行处罚;对拒不服从管理涉嫌构成犯罪的,依法追究刑事责任。管制解除时间另行通知,恳请广大城乡居民理解和支持!

碌曲县公安局

2020年1月27日


相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部