རྨ་ཆུ་རྫོང་གིས་ཁ་ལོ་བའི་མི་སྣ་བསྡུ་བ་གསལ་སྒྲོག་བྱས་པའི་སྤྱི་བསྒྲགས།

2020-03-10 10:42:56 来源:玛曲县人民政府 作者:消息 责任编辑:康康 字号:T|T

རྨ་ཆུ་རྫོང་གིས་ཁ་ལོ་བའི་མི་སྣ་བསྡུ་བ་གསལ་སྒྲོག་བྱས་པའི་སྤྱི་བསྒྲགས།

རྫོང་ཡོངས་སུ་གཞུང་སྤྱོད་རླངས་འཁོར་གྱི་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ་དང་།ཏང་སྲིད་ལས་ཁུངས་ཀྱི་སྤྱི་སྤྱོད་འགྲིམ་འགྲུལ་འགྲོ་སྤྱོད་གོ་རིམ་ལྡན་པར་ཁག་ཐེག་བྱ་ཆེད།རྫོང་གི་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་བསྒྱུར་འགོ་ཁྲིད་ཚོ་ཆུང་གིས་གཏན་འཁེལ་ལྟར་རྫོང་ཡོངས་ཀྱི་མངའ་ཁོངས་ནང་ནས་ཁ་ལོ་བའི་མི་སྣ་བསྡུ་བ་གསལ་བསྒྲགས་བྱས།འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱས་པ་གཤམ་གསལ་ལྟར།

གཅིག ལས་བསྡུའི་རྩ་དོན།

སྤྱོད་ཡོན་གཉིས་ལྡན་དང་གསལ་བསྒྲགས།འདྲ་མཉམ།འགྲན་རྩོད།ལེགས་འདེམ་གྱི་རྩ་དོན་རྒྱུན་འཁྱོངས་སྒོས་གསལ་བསྒྲགས་བྱས་ཏེ་མིང་ཐོ་འགོད་པ་དང་རྒྱུགས་ལེན་པ།ལས་བསྡུའི་མི་སྣ་བཀོལ་སྤྱོད།ཡོངས་ཁྱབ་ཏུ་སྒྲོག་ཏེ་ལྟ་སྐུལ་ངང་ལག་བསྟར་བྱ་རྒྱུ།

གཉིས། ལས་བསྡུའི་གོ་གནས་དང་མིང་ཐོ།

2020ལོ་ནས་རྫོང་ཡོངས་སུ་རྫོང་གཏོགས་ཀྱི་གཞུང་སྤྱོད་རླངས་འཁོར་ཞབས་ཞུའི་ལས་སྟེགས་ཀྱི་ཁ་ལོ་བ་སྐྱེས་པ24བསྡུ་རྩིས་ཡོད།དེའི་ཁྲོད་དུ་A1གམ་A2གྱི་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ལས་གནས་ཐོག་ཏུ་མི་1བསྡུ་བ་དང་།B1གམB2གྱི་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ལས་གནས་ཐོག་ཏུ་མི་1བསྡུ་བ།C1ཅན་གྱི་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ལས་གནས་ཐོག་ཏུ་མི་22བསྡུ་རྩིས་ཡོད།

གསུམ། ལས་བསྡུའི་ཁྱབ་ཁོངས།

ཐེངས་འདིའི་ལས་བསྡུའི་ཁ་གཏད་ཡུལ་ནི་ཁྱིམ་ཐོ་རྨ་ཆུ་རྫོང་ཡིན་པའི་མི་སྣ་ཡིན་དགོས།

བཞི། ལས་བསྡུའི་ཆ་རྐྱེན།

1.ལུས་ཕུང་བདེ་ཐང་ཡིན་དགོས་པ།

2.ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་སྒྲིག་ཁྲིམས་བརྩི་སྲུང་།ཁ་དན་ཚིག་ལ་གནས་པ།ལས་གནས་ལ་དགའ་ཞིང་འབད་པ།རོགས་རམ་བྱེད་པར་དགའ་བ།དཀའ་སྤྱད་སྡུག་རུས་བྱེད་ཐུབ་པ།ལས་བརྩོན་ཁུར་ལེན་གྱི་འདུ་ཤེས་དྲག་པོ་ཡོད་པ།ཞབས་ཞུའི་འདུ་ཤེས་དང་ཁ་ལོ་བའི་ལག་རྩལ།ལས་རིགས་ཀུན་སྤྱོད་སོགས་བཟང་པོ་ཡོད་དགོས།ལུས་པོ་བདེ་ཐང་ཡིན་པ་དང་དབང་བོ་སྐྱོན་ཅན་མིན་པ།རླངས་འཁོར་ཁ་ལོ་བའི་ལས་ཀ་འགན་ལེན་ཐུབ་པ།

3.C1ཅན་གྱི་ཁ་ལོ་བའི་འཛིན་ཡིག་ཡོད་པ་རྣམས་ལོ་ཚོད་40མན་ཡིན་དགོས་ཤིང་།(1980ལོའི་ཟླ1པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)A1ཅན་དང་A2ཅན་ཡང་ན་B1ཅན་དང་B2ཅན་གྱི་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ཁ་ལོ་བ་དག་གི་ལོ་ཚོད་45མན་ཡིན་དགོས་པ་དང་།(1975ལོའི་ཟླ1པོའི་ཚེས1ཉིན་གྱི་རྗེས་ནས་སྐྱེས་པ།)

4.དམའ་འབྲིང་དང་དམའ་འབྲིང་ཡན་གྱི་ཡོན་ཚད་ཡོད་དགོས་པ།

5.ལོ་ལྔའི་ཡན་གྱི་རླངས་འཁོར་སྐོར་ཡུན་ཡོད་དགོས།ཁ་ལོ་བའི་ལག་རྩལ་བཟང་ཞིང་ཆང་འཐུང་ཏེ་རླངས་འཁོར་སྐོར་བའི་ཟིན་ཐོ་མེད་པ།དུག་གཏོང་བྱ་སྤྱོད་མེད་པ།སྤྱིར་བཏང་གི་འགྲིམ་འགྲུལ་དོན་རྐྱེན་བྱུང་མྱོང་མེད་པ།ལོ་གསུམ་ནང་སྒྲིག་འགལ་ངང་རླངས་འཁོར་སྐོར་སྟེ་ཁ་ལོ་བའི་འཛིན་ཡིག་རྩིས་མེད་དུ་བཏང་བའི་ཟིན་ཐོ་མེད་པ།(རང་རྫོང་གི་རླངས་འཁོར་དོ་དམ་ཁང་ནས་བདེན་དཔང་ཡི་གེ་འདོན་དགོས།)

6.གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན་ལས་བསྡུར་བཀོལ་སྤྱོད་མི་བྱ།

(1)རྒྱལ་ཁབ་གྱི་མཚན་སྙན་ལ་གནོད་པའི་གཏམ་གང་སར་བསྒྲགས་པའམ།རྒྱལ་ཁབ་ལ་ངོ་རྒོལ་བྱེད་པའི་འདུ་ཚོགས་དང་།ཁྲོམ་སྐོར།རྔམ་སྟོན་སོགས་ཀྱི་བྱེད་སྒོ་རྩ་འཛུགས་བྱེད་པའམ་ཡང་ན་དེའི་ཁྲོད་དུ་ཞུགས་མཁན།ཁྲིམས་མཐུན་མིན་པའི་རྩ་འཛུགས་ཁྲོད་དུ་ཞུགས་མཁན།ལོག་ཆོས་རྩ་འཛུགས་སམ་ཡང་ན་རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ལྷིང་ལ་གནོད་འཚེ་གཏོང་བའི་བྱེད་སྒོ་གཞན་དག་སྤེལ་བ།རྒྱལ་ཁབ་ཀྱི་གསང་བའམ་ལས་ཀའི་གསང་བ་ཕྱིར་བསྒྲགས་མྱོང་མཁན།

(2)ཉེས་དོན་གྱི་ཆད་པ་ཕོག་མྱོང་བ།(ཉེས་དོན་གྱི་ཆད་པ་ཕོག་པ་ཚུད་པ་)དང་བདེ་སྲུང་ཀྱི་ཆད་པ་ཕོག་མྱོང་བ། ནག་ཉེས་ཡོད་པའམ་སྒྲིག་འགལ་གྱི་དོགས་གཞི་ལ་ཞིབ་བཤེར་བྱེད་བཞིན་ཡོད་པ་མ་ཟད་ད་དུང་བརྟག་དཔྱད་མཇུག་འབྲས་བུད་མེད་མཁན།

(3)སྒྲིག་འགལ་ཁྲིམས་འགལ་བྱེད་པའི་རྐྱེན་གྱིས་ལས་གནས་ལས་ཕྱིར་ཕུད་པ་དང་ལས་གནས་ཕྱིར་འཐེན།ལས་བསྡུ་མཚམས་འཇོག་བཅས་བྱས་པ།

(4)མི་སྒེར་གྱི་ཡིད་རྟོན་མི་ལེགས་པའི་ཟིན་ཐོ་ཡོད་པ།(མི་སྒེར་གྱི་ཡིད་རྟོན་འདྲི་རྩད་སྙན་ཞུ་འདོན་དགོས།)

7.སྤྱི་ཕན་རང་བཞིན་གྱི་ལས་གནས་གན་རྒྱ་བཞག་ཟིན་པའི་མི་སྣ་ལས་བསྡུ་བྱས་ཚེ་ངེས་པར་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་གན་རྒྱ་ཕྱིར་འཐེན་བྱེད་དགོས།

ལྔ། མིང་ཐོ་འགོད་པ།

(1)མིང་ཐོ་འགོད་ཡུན།

2020ལོའི་ཟླ་3པའི་ཚེས་16ཉིན་ནས་ཟླ་3པའི་ཚེས་22ཉིན་བར།(བསྡོམས་པས་ཉིན་7)

(2)མིང་ཐོ་འགོད་གནས།

རྨ་ཆུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རླངས་འཁོར་དོ་དམ་ཁང་གི་ཁེར་ཐོག

(3)མིང་ཐོ་འགོད་པའི་ཆ་རྐྱེན་དང་ཐོབ་ཐང་རྟོག་ཞིབ།

1.ཡུལ་དངོས་ནས་མིང་ཐོ་འགོད་པའི་ཐབས་ལམ་ལག་བསྟར་བྱེད་རྒྱུ།རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་།རྫོང་མི་དོན་ཅུའུ།རྫོང་སྤྱི་བདེ་ཅུའུ།(རྫོང་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན།)རྫོང་ལས་ཁུངས་ལས་དོན་དོ་དམ་ཅུའུ་ཡིས་འགན་འཁུར་ནས་མིང་ཐོ་འགོད་པ་དང་ཐོབ་ཐང་ཞིབ་བཤེར་བྱེད་རྒྱུ།

2.མིང་ཐོ་འགོད་དུས།ངེས་པར་དུ་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར།ཁྱིམ་ཐོ།ཁ་ལོ་བའི་འཛིན་ཡིག་དང་རླངས་འཁོར་དོ་དམ་ཁང་གི་བདེན་དཔང་ཡི་གེ་དང་།དངུལ་ཁང་གི་ཡིད་རྟོན་འདྲི་རྩད་སྙན་ཞུ་སོགས་མ་ཡིག་དང་དཔར་མ་གཉིས་ཀ་དགོས། ཉེ་ལམ་གྱི་རྒྱབ་ལྗོངས་སྔོན་པོ་ཡིན་པའི་ཚོན་2་ཅན་གྱི་འདྲ་པར་6བཅས་འཁྱེར་ཡོང་དགོས།

3.གལ་ཏེ་རྒྱུགས་ལེན་མཁན་ལས་བསྡུའི་ཆ་རྐྱེན་དང་མི་མཐུན་པའམ་ཡང་ན་ཡིག་ཆ་རྫུན་མ་འདོན་སྤྲོད་བྱེད་མཁན་ཡོད་ཚེ་མིང་ཐོ་འགོད་པའི་ཐོབ་ཐང་མེད་པར་བཟོ་རྒྱུ།

(4)རྒྱུགས་སྤྲོད་དཔང་ཡིག་ལེན་པའི་དུས་ཚོད་དང་ས་གནས།

མིང་ཐོ་འགོད་པའི་ཐོབ་ཐང་རྟོག་ཞིབ་ཚད་ལོངས་བའི་རྗེས་ནས་རྨ་ཆུ་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་རླངས་འཁོར་དོ་དམ་ཁང་གི་ཁེར་ཐོག་ཏུ་རྒྱུགས་སྤྲོད་དཔང་ཡིག་ལེན་པར་ཡོང་དགོས།རྒྱུགས་ལེན་པའི་དུས་ཚོད་དང་ས་གནས་གཞན་དུ་བརྡ་གཏོང་རྒྱུ།(རྒྱུགས་སྤྲོད་དཔང་ཡིག་ངོས་ན་ཞིབ་གསལ་བྱས་ཡོད།)

དྲུག རྒྱུགས་ལེན་པ

1.ཐེངས་འདིའི་ལས་བསྡུ་ནི་ངོ་རྒྱུགས་ལེན་པའི་ཐབས་ལམ་ལག་བསྟར་བྱེད་རྒྱུ་སྟེ་གཙོ་བོ་ལམ་རྒྱུགས་དང་འགྲིམ་འགྲུལ་ཁྲིམས་སྲོལ་གྱི་གཞི་རྩའི་ཤེས་བྱའི་རྒྱུགས་ལེན་རྒྱུ་ཡིན།

2.རྒྱུགས་ཀྱི་སྐར་གྲངས་ནི་བརྒྱ་ཆའི་ལུགས་ལྟར་བརྩི་བས་ལམ་རྒྱུགས་ཀྱི་སྐར་གྲངས་ཀྱིས80%ཟིན་པ་དང་།འགྲིམ་འགྲུལ་ཁྲིམས་སྲོལ་གྱི་གཞི་རྩའི་ཤེས་བྱའི་རྒྱུགས་ཀྱིས20%ཟིན།

བདུན། ལུས་པོ་བརྟག་དཔྱད་དང་སྤྱི་བསྒྲགས།

(1)ལུས་པོ་བརྟག་དཔྱད།

1.རྒྱུགས་བླངས་ཚར་རྗེས་རྒྱུགས་ཀྱི་སྐར་གྲངས་མཐོ་བ་ནས་དམའ་བའི་བར་དུ་1:1.2ལྟར་ལུས་པོ་བརྟག་དཔྱད་མི་སྣ་གཏན་འཁེལ་བྱ་རྒྱུ།ལུས་པོ་བརྟག་དཔྱད་ལ་མིག་གི་མཐོང་ཚད(མིག་གཉིས་ཀྱི་མཐོང་ནུས་ཉམས་ཤིང་0.8ལས་དམའ་ན་མི་བསྡུ་བ།མིག་ལ་མདོག་ལོང་ནད་ཡོད་ན་མི་བསྡུ་བ།)དང་ལུས་པོ་ཞིབ་བཤེར་(སྙིང་ནད་དང་འགོས་ནད་ཡོད་པ་སོགས་རླངས་འཁོར་ཁ་ལོ་བའི་ལས་གནས་ལ་མི་འཚམ་པ་དག་ལས་བསྡུ་མི་བྱེད།)

2.གལ་ཏེ་ལུས་པོ་བརྟག་དཔྱད་ཚད་ལོངས་ཀྱི་མི་གྲངས་ཏེ་ལས་བསྡུའི་མི་གྲངས་ཀྱི་ཚད་ལ་མ་སླེབས་ཚེ་ངོ་རྒྱུགས་ལེན་པའི་སྐར་གྲངས་ཀྱི་མཐོ་དམན་ལ་གཞིགས་ནས་ལུས་པོ་བརྟག་དཔྱད་ཀྱི་རིམ་པ་ལ་ཁ་གསབ་བྱ་དགོས།(བསྡུར་ཚད་ནི་1:1.2)

(2)སྤྱི་བསྒྲགས།

ལས་བསྡུ་བྱེད་རྩིས་ཡོད་པའི་ཁ་ལོ་བའི་མི་སྣ་རྫོང་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་བསྒྱུར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་སྤྱི་བསྒྲགས་བྱེད་པ།ཡོངས་བསྒྲགས་ཀྱི་དུས་ཡུན་ཉིན་གསུམ་རིང་ཡིན་པ་དང་ཡོངས་བསྒྲགས་བྱེད་སྐབས་བཏོན་པའི་གནད་དོན་ལ་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགན་འཁུར་ནས་བདེན་མིན་ཞིབ་དཔྱད་བྱེད་རྒྱུ།

(3)ལས་བསྡུའི་བཀོལ་སྤྱོད།

ལས་བསྡུའི་བཀོལ་སྤྱོད་མི་སྣ་ཟླ་3རིང་ལ་ཚོད་ལྟ་བྱེད་དགོས་པ་དང་ཚོད་ལྟའི་དུས་ཡུན་འདང་ནས་དཔྱད་ཞིབ་ཚད་ལོན་རྗེས་རྫོང་ལས་ཁུངས་ལས་དོན་དོ་དམ་ཅུའུ་དང་ལས་བསྡུ་མི་སྣས་ལས་བསྡུའི་བཀོལ་སྤྱོད་གན་རྒྱ་འཇོག་དགོས།(ཁག་བཞི་ཡོད་ཏེ་མི་བཀོལ་ལས་ཁུངས་དང་མི་དོན།ནོར་སྲིད།ལས་བསྡུའི་བཀོལ་སྤྱོད་མི་སྣ་རེ་རེ་ལ་གཅིག་རེ།)ལས་བསྡུའི་གན་རྒྱ་ལོ་གཅིག་རེར་ཐེངས་གཅིག་འཇོག་པ།(ལས་བསྡུའི་དུས་ཡུན་ནང་དཔྱད་ཞིབ་ཚད་མ་ལོན་པའམ་ཡང་ན་རང་ཉིད་གཞུང་སྤྱོད་རླངས་འཁོར་གྱི་ཁ་ལོ་བའི་ལས་ཀ་བྱེད་འདོད་མེད་པའི་ལས་བསྡུའི་བཀོལ་སྤྱོད་གན་རྒྱ་ཕྱིར་འཐེན་བྱེད་ཆོག་པ།)

བརྒྱད། ཟླ་ཕོགས་དང་ཐོབ་ཐང་།

ལས་བསྡུ་བA1ཅན་གྱི་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ཁ་ལོ་བའི་ཟླ་རེའི་ཟླ་ཕོགས་ནི་སྒོར་4500ཡིན།A2ཅནB1ཅན་B2ཅན་གྱི་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ཁ་ལོ་བའི་ཟླ་རེའི་ཟླ་ཕོགས་ནི་སྒོར་4000ཡིན།C1ཅན་གྱི་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ཡོད་པའི་ཁ་ལོ་བའི་ཟླ་རེའི་ཟླ་ཕོགས་ནི་སྒོར་3600ཡིན།ལས་བསྡུའི་ཁ་ལོ་བའི་ཟླ་ཕོགས་ཁྲོད་དུ་“འགན་བཅོལ་ལྔ་དང་མ་དངུལ་གཅིག”འདུས།དེ་དག་ནི་རྒན་གསོའི་འགན་བཅོལ་དང་།སྨན་བཅོས་འགན་བཅོལ།ལས་ཤོར་འགན་བཅོལ།ལས་རྨས་འགན་བཅོལ།བུ་བཙའི་འགན་བཅོལ།སྡོད་ཁང་སྤྱི་གསོག་མ་དངུལ་བཅས་རེད།ལས་བསྡུའི་བཀོལ་སྤྱོད་མི་སྣ་གཏན་འབེབས་ལྟར་གཞུང་དོན་དུ་འགྲོ་བའི་ཁ་གསབ་དོན་འཁྱོལ་དང་།ལས་བསྡུའི་བཀོལ་སྤྱོད་ཁྲོད་དུ་ཟས་སྡོད་རང་མགོ་ཐོན་དགོས།

དགུ། དོན་ཚན་གཞན་པ།

1.རྒྱུགས་བསྡུའི་ལས་བསྡུ་བཀོལ་སྤྱོད་བྱ་བའི་ཐད་རྫོང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་སོགས་ལྟ་སྐུལ་ནང་ཞུགས་རྒྱུའི་གདན་ཞུ་བྱེད་པ་དང་ལྟ་སྐུལ་ཁ་པར་བཙུགས་ཡོད་པ་རེད།སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ལྟ་སྐུལ་རྒྱ་ཁྱབ་དང་ལེན་བྱ་རྒྱུ།

2.མི་བདེན་རྫུན་སྒྲིག་དང་།ཡིག་ཚགས་རྫུན་མ།ཆ་འཕྲིན་རྫུན་མ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་ཚེ་ཐོ་འགོད་རྒྱུགས་སྤྲོད་ཀྱི་ལས་བསྡུའི་ཐོབ་ཐང་མེད་པར་བཟོ་བ་མ་ཟད་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

3.གཏན་འབེབས་བྱས་པའི་དུས་ཚོད་ནང་ཆ་རྐྱེན་ལྟར་ཐོ་འགོད་དང་།ཐོབ་ཐང་ཞིབ་བཤེར།ལུས་པོར་བརྟག་དཔྱད།དེ་བཞིན་དུས་ཐོག་ཏུ་མི་སྤྱོད་ལས་ཁུངས་ལ་མིང་ཐོ་འགོད་པ་བཅས་མ་བྱས་ཚེ་རང་འགུལ་ངང་གོ་སྐབས་འདོར་བར་བརྩི་རྒྱུ་ཡིན་པ་རེད།

4.རྒྱུགས་ཀྱི་འབྲེལ་ཡོད་དོན་དག་ལ་དུས་ཐོག་ཏུ་བརྡ་གཏོང་བར་སྟབས་བདེ་ཡོང་ཆེད་རྒྱུགས་ཞུགས་མི་སྣས་ཁ་པར་རྒྱུན་དུ་འཕྲོད་ཐུབ་པར་བྱེད་དགོས།

5.རྒྱུགས་ལ་ཞུགས་སྐབས་རྒྱུགས་སྤྲོད་དཔང་ཡིག་དང་།ཐོབ་ཐང་ལག་ཁྱེར།ཁ་ལོ་བའི་འཛིན་ཡིག་དང་དེ་མིན་གྱི་དངོས་པོ་གཅིག་ཀྱང་རྒྱུགས་རའི་ནང་འཁྱེར་མི་ཆོག

6.ད་ཐེངས་ཀྱི་ལས་བསྡུའི་རྒྱུགས་ལ་འགྲོ་གྲོན་གང་ཡང་མི་བསྡུ་བ་དང་རྒྱུགས་ལེན་ཟུར་ཁྲིད་སློབ་དེབ་དམིགས་འཛུགས་མི་བྱ་བ། གསོ་སྦྱོང་སྒྲིག་གཞི་གང་རུང་ལ་གསོ་སྦྱོང་བྱ་རྒྱུའི་མངགས་བཅོལ་བྱེད་ཀྱི་མེད་པ།

7.སྤྱི་བསྒྲགས་འདི་རྫོང་གཞུང་སྤྱོད་རླངས་འཁོར་ལམ་ལུགས་བཅོས་བསྒྱུར་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་འགྲེལ་བཤད་བྱ་རྒྱུའི་འགན་འཁུར་ཡོད།

འདྲི་རྩད་ཁ་པར:རྫོང་གཞུང་སྤྱོད་རླངས་འཁོར་བཅོས་བསྒྱུར་གཞུང་ལས་ཁང་། 0941-6121349

ལྟ་སྐུལ་ཁ་པར:རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་། 0941-6121335

རྨ་ཆུ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུའུ། རྨ་ཆུ་རྫོང་ལས་ཁུངས་ལས་དོན་དོ་དམ་ཅུའུ།

2020ལོའི་ཟླ་3པའི་ཚེས་8ཉིན།


相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部