ཐེམ་ཆེན་རྫོང་ཏོག་དབྱིབས་ཀྱི་ནད་དུག་གསར་པས་བསླངས་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད

2020-02-06 19:03:00 来源:首页-天峻县人民政府 作者:消息 责任编辑:康康 字号:T|T

(ཨང5)

 ཕྱོགས་ཡོངས་ནས་ཏོག་དབྱིབས་ཀྱི་ནད་དུག་གསར་པས་བསླངས་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་མཐའ་འཁྱོལ་བ་ལེན་པ་དང་།  ཕན་འབྲས་ལྡན་པའི་སྒོ་ནས་རྫོང་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་ཆེད།  ད་ལྟ་གཉེན་སྟོན་དང་འདས་མཆོད་སྒྲུབ་པའི་འབྲེལ་ཡོད་ལས་དོན་བརྡ་ཁྱབ་བཏང་བ་གཤམ་ལྟར།  

གཅིག  དོན་དངོས་ཀྱིསགཉེན་སྟོན་འགྱངས་སྒྲུབ་དང་འདས་མཆོད་སྟབས་བདེ་བྱེད་དགོས།  རྫོང་ཡོངས་ཀྱི་ཁྱབ་ཁོངས་ནང་དུ་གཉེན་སྟོན་དང་འདས་མཆོད་ཀྱི་བྱ་འགུལ་ལས་དོན་སྒྲུབ་པའི་མི་སྒེར་དང་ཁྱིམ་ཚང་ཡོངས་ཀྱིས་གཉེན་སྟོན་ཚང་མ་རིམས་ནད་ཡལ་རྗེས་སྒྲུབ་དགོས་པ་དང་།  འདས་མཆོད་ཀྱི་མཛད་སྒོ་སྟབས་བདེའི་ངང་སྤེལ་བ་དང་ཁྱིམ་ཚང་གི་ཐབ་ཚང་གཟབ་རྒྱས་ངང་སྤེལ་མི་ཆོག འདས་མཆོད་ལ་ཞུགས་དུས་ངེས་པར་དུ་ཁ་ཐུམ་རྒྱག་དགོས་པ་མ་ཟད།  རིམས་ནད་ཚབས་ཆེན་ས་ཁུལ་ནས་ཡོང་བའི་མི་སྣ་དང་ལོགས་སུ་བཀག་ཉར་སྨན་བཅོས་ལྟ་ཞིབ་བྱེད་པའི་མི་སྣ་འདས་མཆོད་ལ་ཞུགས་མི་ཆོག

གཉིས།  མུ་མཐུད་དུ་ལས་རིགས་རང་སྲུང་དང་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ།  རིམས་ནད་ཀྱི་བཀག་རྒྱ་མ་གྲོལ་བའི་སྔོན་དུ།  ཚོགས་སྤྱི་རང་བཞིན་གྱི་འདུ་འཛོམས་བྱ་འགུལ་དང་ཆོས་ལུགས་བྱ་འགུལ་ཚང་མ་སྤེལ་མི་ཆོག་པ་དང་། མགྲོན་ཁང་དང་ཟ་ཁང་སོགས་ཀྱིས་ཁྱབ་རྒྱ་ཆེ་བའི་འདུ་འཛོམས་ཀྱི་ཆོ་ག་ཆེ་གྲས་དང་ལེན་བྱས་མི་ཆོག  ལས་བྱེད་དང་ལས་བཟོ་བ་ཁྱབ་རྒྱ་ཆེ་བའི་གཉེན་སྟོན་འདུ་འཛོམས་ཀྱི་བྱ་འགུལ་ལ་ཞུགས་མི་ཆོག  གལ་ཏེ་བརྡ་ཁྱབ་གྱི་རེ་འདུན་བརྩི་སྲུང་མི་བྱེད་པར་གཉེན་སྟོན་དང་འདས་མཆོད་རྒྱ་ཆེར་སྤེལ་ནས་སྤྱི་བའི་འཕྲོད་བསྟེན་བདེ་འཇགས་ཀྱི་དོན་རྐྱེན་བཟོས་ཚེ་བཅའ་ཁྲིམས་དང་སྲོལ་ཡིག་གི་བླང་བྱ་གཞིར་བཟུང་ནས་ཁྲིམས་ལྟར་ཐག་གཅོད་ནན་མོ་བྱེད་ངེས་ཡིན།

གསུམ།  རིམ་པ་སོ་སོའི་ཏང་ཡོན་ལས་བྱེད་ཀྱིས་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱེད་དགོས།  རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་འདོམས་སྣ་ཚོགས་ཀྱི་རེ་འདུན་ལག་བསྟར་བྱེད་པ་དང་མང་ཚོགས་ཀྱི་དྲིལ་སྒྲོག་སློབ་གསོ་སྤེལ་བ།  དོན་དངོས་ཀྱི་ལག་ལེན་གྱིས་ཐོག་མའི་འགན་འཁྲི་མངོན་འགྱུར་བྱེད་དགོས།  རང་ཉིད་ནས་འགོ་བརྩམ་པ་དང་ཁྱིམ་ཚང་ནས་འགོ་རྩོམ་པ།  ད་ལྟ་ནས་འགོ་བརྩམ་ནས་གཉེན་སྟོན་འགྱངས་སྒྲུབ་དང་འདས་མཆོད་སྟབས་བདེ་སྤེལ་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གདོང་མཆོང་བ་བྱེད་དགོས།

རྒྱ་ཆེ་བའི་མང་ཚོགས་ཡོངས་ཀྱིས་རྒྱབ་སྐྱོར་གྱི་སེམས་ཤུགས་འདོན་པ་དང་དོན་དངོས་ཀྱི་འགུལ་སྐྱོད་ལ་བསྟེན་ནས།  ཚེ་སྲོག་དང་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཏེ་གཅིག་གྱུར་གྱིས་མིག་སྔར་གྱི་དཀའ་བ་ཁྱད་དུ་བསད་དེ།  སྟོབས་ཤུགས་གཅིག་སྒྲིལ་གྱིས་ཏོག་དབྱིབས་ཀྱི་ནད་དུག་གསར་པས་བསླངས་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་ལ་རྒྱལ་ཁ་མཐའ་འཁྱོལ་བ་ལེན་དགོས།

ཐེམ་ཆེན་རྫོང་ཏོག་དབྱིབས་ཀྱི་ནད་དུག་གསར་པས་བསླངས་བའི་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་ལས་དོན་བཀོད་འདོམས་པུའུ།            

                                  2020ལོའི་ཟླ2པའི་ཚེས5ཉིན།

相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部