结多乡巴麻村多项举措全面推进基层党建工作

2019-10-23 00:00:00 来源:杂多县人民政府—杂多县政府网站 作者:消息 责任编辑:康康 字号:T|T

ཉེ་ལམ། སྤྱི་སྟོད་ཤང་བར་མ་གྲོང་སྡེས་རྫོང་གི་༼ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོར་ངེས༽བརྗོད་དོན་སློབ་གསོའི་གཞུང་དོན་ཁང་དང་གནད་ཁེལ་དབུལ་སྐྱོར་འགོ་ཁྲིད་ཚན་ཆུང་དང་སྤྱི་སྟོད་ཤང་ཏང་ཨུ་ཡིས་ལས་དོན་བཀོད་སྒྲིག་ནང་ལྟར།  ཁྱོན་ཡོངས་ནས་གཞི་རིམ་ཏང་འཛུགས་ལས་དོན་ཤུགས་སྣོན།གྲོང་སྡེའི་ཏང་ཀྲུ་པུའུ་སྲོག་ཤིང་དུ་འཛིན་ནས་ལས་དོན་མཐའ་དག་ཁྱོན་ཡོངས་ནས་སྐུལ་འདེད་སྣེ་ཁྲིད་བྱས་པ། 

  近期,结多乡巴麻村根据县“不忘初心、牢记使命”主题教育办公室、县精准扶贫领导小组和结多乡党委工作安排,全面加强基层党建工作,并以村党支部为核心,引领各项工作全面有序推进。






ཟླ༡༠བའི་ཚེས༢༢ཉིན། གྲོང་སྡེའི་ཏང་ཀྲུ་པུའུ་ཡིས་ཏང་ཡོན་ཡོངས་དང་མང་ཚོགས་འཐུས་ཚབ། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་པ་བསྡུས་ནས། གྲོང་སྡེའི་ཏང་ཡོན་བྱ་འགུལ་ཁང་དུ་༼གྲོང་སྒྲིག་དམངས་ཆིངས་གསར་པའི་བསམ་འཆར་བསྡུ་ལེན་ཚོགས་འདུ་༽དང་༼ཏང་ཡོན་དུད་འབྲེལ་ལས་དོན་བཀོད་སྒྲིག་ཚོགས་འདུ༽སྤེལ།  ཚོགས་འདུ་ལ་གྲོང་སྡེའི་ཏང་ཀྲུ་པུའུ་ཧྲུའུ་ཅུ་བསྟན་རྒྱས་ཀྱིས་མདོ་འཛིན་བྱས། སྤྱི་སྟོད་ཤང་ཏང་ཨུའི་ཧྲུའུ་ཅུའུ་གཞོན་པ་ཧི་ཕུན་ཚོགས། གྲོང་སྡེའི་གནད་ཁེལ་དབུལ་སྐྱོར་ཧྲུའུ་ཅུའུ་དང་པོ་ངག་དབང་སེང་གེ།གྲོང་འགན་ལས་དོན་ས་ཚིགས་ཀྱི་འགན་ཁུར་པ།སྤྱི་སྟོད་ཤང་སྲིད་གཞུང་གི་ཤང་ཀྲང་གཞོན་པ་དོན་འགྲུབ་རྒྱལ་བཅས་ཚོགས་འདུ་ལ་ཞུགས།

  10月22日,村党支部召集全村所有党员、群众代表和相关单位负责人,在村级党员活动室开展了“新村规民约意见征求会”暨“党员联户工作安排部署会”,会议由村党支部书记丁杰主持,结多乡党委副书记贺朋措,巴麻村精准扶贫第一书记昂文生格,包村工作站站长、副乡长东周嘉参加了会议。








ཚོགས་འདུའི་ཁྲོད་དོན་འགྲུབ་རྒྱལ་བློ་མཐུན་གྱིས་གྲོང་སྡེའི་གྲོང་སྒྲིགས་དམངས་ཆིངས་ཀྱི་ནང་དོན་ཚོགས་ཞུགས་མི་སྣ་རྣམས་ལ་ཞིབ་ཕྲའི་ངང་ངོ་སྤྲོད་བྱས་པ་དང་བསམ་འཆར་བསྡུ་ལེན་བྱས།དེ་ནས་ཏང་ཡོན་དུད་འབྲེལ་ལས་དོན་ལ་ཞིབ་ཕྲའི་ངོ་སྤྲོད་བྱས་པ་དང་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས།  ༼མང་ཚོགས་རེ་སྐོང་གྱང་༽འཛུགས་སྐྲུན་ནི་ཉེ་ལམ་བར་མ་གྲོང་སྡེའི་ཏང་ཡོན་དུད་འབྲེལ་ལས་དོན་སྒྲིག་གཞི་ལ་དམིགས་ནས་སྤེལ་བའི་དམིགས་སའི་རང་བཞིན་གྱི་ཚོད་ལྟའི་ས་ཚིགས་ཡིན།  འདི་ནས་མང་ཚོགས་ཀྱི་དོན་ཆེན་དོན་ཆུང་ཐམས་ཅད་དུད་འབྲེལ་ཏང་ཡོན་གྱིས་དཔྱད་ཞིབ་བྱས་ནས་རེ་རེ་བཞིན་རེ་སྐོང་གྱང་ངོས་སུ་ཐོ་འགོད་བྱེད་ནས་རིམ་པ་བཞིན་དུ་ཐག་གཅོད་བྱེད་དགོས། དེ་དང་འབྲེལ་ནས་ཏང་ཡོན་ཞིག་གི་དོན་དངོས་ཀྱི་དམངས་ཕན་བྱ་སྒྲུབ་པའི་ནུས་པ་དང་དད་སེམས་ཀྱི་ཚད་ཐིག་འཛིན་པར་ནུས། མིག་སྔར་ལས་དོན་འདི་བར་མ་གྲོང་སྡེ་ནས་ཚོད་ལྟ་ས་ཚིགས་བྱེད་བཞིན་ཡོད། 

  会上,包村站长东周嘉同志向与会人员详细介绍了村规民约内容,并根据相关制度向全体党员、群众代表、相关单位负责人征求了意见。就“党员联户”工作进行了详细的介绍和相关工作安排。“群众圆梦墙”建设是巴麻村近期为确保党员联户工作机制而进行的针对性工作试点,即把群众的大事小事经过联户党员的审核一一记录在圆梦墙上,并逐级进行解决。以此衡量一名党员切实为民办实事的能力和信念。目前此项工作正在巴麻村试点当中。

དེ་རྗེས།  སྤྱི་སྟོད་ཤང་ཏང་ཨུ་ཧྲུའུ་ཅུ་གཞོན་པ་ཧི་ཕུན་ཚོགས་ཀྱིས་བརྗོད་དོན་སློབ་གསོ་དང་ཟུང་འབྲེལ་ནས་ཏང་ཡོན་གྱི་ཁེ་དབང་དང་ཏང་ཡོན་གྱི་འོས་འགན་བརྗོད་བྱ་འཛིན་ནས་འཆད་ཁྲིད་བྱས། གྲོང་སྡེའི་གནད་ཁེལ་དབུལ་སྐྱོར་ཧྲུའུ་ཅུ་དང་པོ་ངག་དབང་སེང་གེ་ཡིས་ཚོགས་ཞུགས་ཏང་ཡོན་རྣམས་ལ་༼དོན་དངོས་སྒྲུབ་པ། དམངས་ཀྱི་དོན་དུ་སྒྲུབ་པ༽བརྗོད་བྱ་རུ་འཛིན་ནས་འཆད་ཁྲིད་བྱས། 

  随后,结多乡党委副书记贺朋措结合主题教育活动,以党员的权利和义务为主题进行了讲座。村精准扶贫第一书记昂文生格向与会党员讲授了以“务实 为民”为主题的党课。


相关推荐


解读中国 关注民生 引领休闲
扫码关注中国小康网公众号
ID:chxk365
返回顶部